གསོ་བ་རིག་པའི་དཔེ་དེབ་ངོ་སྤྲོད་མདོར་བསྡུས།

གསོ་བ་རིག་པའི་དཔེ་དེབ་ངོ་སྤྲོད་མདོར་བསྡུས།

མཁས་པའི་དབང་པོ་དབོན་པོ་རྡོ་རྗེ་དགྲ་འདུལ་མཆོག་གིས་རྩོམ་སྒྲིག་གནང་པའི་གསོ་བ་རིག་པའི་གཞུང་ལུགས་ཀུན་གྱི་ཕྱི་མོ་དཔལ་ལྡན་རྒྱུད་བཞིའི་འགྲེལ་པ་པོད་ཕྲེང་སུམ་ཅུ་ལས་ད་ལྟ་བར་པོད་ཕྲེང་བཅུ་གཉིས་སྲོང་བཙན་དཔེ་མཛོད་ནས་དཔར་བསྐྲུན་ཟིན། གཉིས་པར་འདེབས་བྱེད་མུས། ལྷག་མ་པོད་ཕྲེང་བཅུ་དྲུག་གི་སྒྲོམ་གཞི་རྩོམ་སྒྲིག་ཟིན་པས་རིམ་བཞིན་དཔར་འདེབས་བྱ་རྒྱུ། དཔེ་དེབ་འདི་དག་གི་དགོས་དམིགས་གཙོ་བོ་ནི་རྣམ་དཔྱོད་ཀྱི་ཤོག་རླབས་རྒྱས ་པའི་གསོ་རིག་སྨྲ་བའི་དཔྱོད་ལྡན་མཁས་དབང་སྤྱི་དང་ཁྱད་པར་དུ་གསོ་བ་རིག་པའི་གཞུང་ལུགས་རྒྱ་ཆེན་པོར་ལྟ་ཁོམ་མི་ནུས་པའི་གསར་བུ་པའམ་དཔེ་དེབ་ལ་སོགས་པའི་དགོས་མཁོའི་ཆ་རྐྱེན་མ་འཛོམས་པའི་སྨན་གྱི་རིག་པ་འཛིན་པ་རྣམས་ལ་དམིགས་ནས་དཔལ་ལྡན་རྒྱུད་བཞིའི་རྩ་འགྲེལ་ཁག་ཏུ་ས་བཅད་འཁྲུགས་པ་དང་། དག་ཆ་ནོར་འབྱམས་སུ་སོང་བ། གོ་དོན་འཁྲུལ་པ། མཁས་པའི་བཞེད་པ་མི་མཐུན་པ་སོགས་ལ་དཔྱད་བསྡུར་བྱས་ཏེ་གསལ་བཤད་དག་བཅོས་དང་། པོད་ཕྲེང་སོ་སོའི་མཇུག་ཏུ་པོད་ཕྲེང་རང་རང་གི་གོ་དཀའི་བརྡ་ཆད་རྣམས་ཀྱི་ཚིག་དོན་གསལ་བཤད། སྨན་སྦྱོར་སྐབས་སྨན་གྱི་དུག་འདོན་གཡའ་ཕྱིའི་ལས་སྣོན་དགོས་ངེས་རྣམས་དང་། སྨན་ཚབ། ངོ་བོ་ངོས་འཛིན། དབྱེ་བ། སྡེ་ཚན། ཕན་ནུས་སོགས་མཁོ་གལ་ཆེ་བ་རྣམས་ལ་དཔྱད་བསྡུར་གསལ་བཤད། གཞན་ཡང་གཞུང་ཚིག་ནོར་འབྱམས་མི་འགྱུར་བ་དང་ལུང་འདྲེན་འཆོལ་རྙེད་བཀོལ་སྤྱོད་བདེ་བའི་ཆེད་བཅད་ལྷུག་སྤེལ་མ་སོ་སོར་ཨང་བཀོད་དང་། སྨན་ལུགས་གཞན་ལ་མཚུངས་བསྡུར། ལེ་ཚན་སོ་སོའི་སྙིང་དོན་ཕྱོགས་བསྡོམས། ནང་དོན་ས་བཅད་བཀོད་སྒྲིག ལུང་འདྲེན་དང་མཆན་འགོད། དཔར་རིས་ཀྱི་ལམ་ནས་གཞུང་དོན་ངོ་སྤྲོད་ཐུབ་ཐབས་སོགས་བྱས་ཡོད། དེ་ཡང་པོད་ཕྲེང་དང་པོར་གསོ་བ་རིག་པའི་འབྱུང་རབས་ལོ་རྒྱུས་གཟུར་གནས་མཁས་པ་དགྱེས་པའི་མཆོད་སྤྲིན་དེབ་ཐེར་ཀུན་གསལ་ཚངས་ཐིག་དང་། པོད་ཕྲེང་གཉིས་པར་རྩ་རྒྱུད་ཀྱི་འགྲེལ་པ་བསྡུས་དོན་གསལ་བྱེད། པོད་ཕྲེང་གསུམ་པ་ནས་བཅུ་གཉིས་པར་བཤད་རྒྱུད་ཀྱི་འགྲེལ་པ། པོད་ཕྲེང་བཅུ་གསུམ་ནས་ཉི་ཤུ་རྩ་དྲུག་པར་མན་ངག་རྒྱུད་ཀྱི་འགྲེལ་པ། པོད་ཕྲེང་ཉི་ཤུ་རྩ་བདུན་ནས་སུམ་ཅུ་པར་ཕྱི་མ་རྒྱུད་ཀྱི་འགྲེལ་པ་ཡིན་པ་བཅས་དཔེ་དེབ་པོད་ཕྲེང་ཁག་སུམ་ཅུའི་ནང་དོན་གསལ་བཤད་སྙིང་བསྡུས་སུ། སྲོང་བཙན དཔེ་མཛོད་དཔེ་མཛོད་ཀྱིས།

Library Membership Form